咨詢熱線

13628913803

公司簡介
聯系電話:

13628913803

公司地(dì)址:

西藏自(zì)治區拉薩市城關區奪底路26号8848創業園三樓302辦公室

公司簡介

珠倉公司簡介

  བོད་ལྗོངས་འགྲུ་ཚང་གསོ་རིག་ཚན་རྩལ་གསར་སྤེལ་ཚད་ཡོད་མཐུན་གཉེར་ཁང་ནི་སློབ་ཆེན་སློབ་མ་གཙོ་བོར་བྱས་པའི་གསར་གཏོད་ཚོགས་པ་ཞིག་ནས་༢༠༡༩ལོའི་ཟླ་བ་༡ནང་དུ་བཙུགས་པའི་མཐུན་གཉེར་ཁང་ཞིག་ཡིན།

  མཐུན་གཉེར་ཁང་འདི་ནི་འཛམ་གླིང་གསོ་དཔྱད་བསྟན་པའི་གནས་མཆོག་གྲོང་ཁྱེར་ལྷ་ས་རུ་ཆགས་ཡོད། གྲགས་ཅན་གསོ་དཔྱད་མཁས་དབང་དང་རྒྱལ་ཁབ་ཕྱི་ནང་ཟུང་དུ་འབྲེལ་བའི་ཉམས་ཞིབ་ལས་ཁུངས་ཀྱི་མཛུབ་སྟོན་འོག་མཐུན་གཉེར་ཁང་འདི་ཉིད་ནས་བོད་སྨན་བདེ་སྲུང་ཐོན་རྫས་དང་། སྨན་ལུམས་ཐོན་རྫས། མཛེས་བཟོའི་ཐོན་རྫས། པགས་སྲུང་ཐོན་རྫས། འཁྲུ་སྲུང་ཐོན་རྫས་དང་། བཏུང་བྱ་སོགས་སྤུས་ལེགས་དཔེ་གསར་ཐོན་རྫས་སྣ་ཚོགས་ཉམས་ཞིབ་དང་གསར་སྤེལ། ཐོན་སྐྱེད། ཕྱིར་འཚོང་བྱེད་བཞིན་ཡོད། གངས་ཅན་ལྗོངས་ཀྱི་རྩ་ཆེའི་རྩི་ཤིང་རྣམས་སྲུང་སྐྱོབ་བྱ་ཕྱིར། མཐུན་གཉེར་ཁང་འདི་ཉིད་ནས་བོད་སྨན་སྨན་རྩ་འདེབས་འཛུགས་དང་། སྦྱོར་བཟོ། ཕྱིར་འཚོང་གི་བྱ་བཞག་ལ་ཞུགས་བཞིན་ཡོད། དེ་བཞིན་མཐུན་གཉེར་ཁང་འདི་ཉིད་ནས་ཞིང་འབྲོག་ཐོན་རྫས་ཀྱི་གསར་སྤེལ་དང་། ཐོན་སྐྱེད། ཕྱིར་འཚོང་སོགས་ཀྱི་ལས་དོན་ལའང་ཞུགས་བཞིན་ཡོད།

  ཉེ་བའི་ཆར། རང་རེའི་མཐུན་གཉེར་ཁང་དང་སྟོབས་འབྱོར་ལྡན་པའི་ཁེ་ལས་གཞན་དག་དབར་འཐབ་རྩལ་རང་བཞིན་གྱི་མཉམ་རོགས་བྱེད་རྒྱུར་གཏན་འཁེལ་བྱས་ཡོད། དེ་ཡིས་ང་ཚོའི་ཐོན་རྫས་ཀྱི་ཐོན་སྐྱེད་དང་ཕྱིར་འཚོང་ལ་རྨང་གཞི་གཏན་པོ་ཞིག་བཙུགས་ཡོད།

  མཐུན་གཉེར་ཁང་འདི་ཉིད་ཀྱིས། “གངས་ལྗོངས་རིག་གནས་རྒྱུད་འཛིན་བྱེད་ཅིང་། རི་ཆུའི་མཛེས་སྡུག་སྲུང་སྐྱོབ་བྱེད་པ། འགྲོ་བ་ཀུན་ལ་ཕན་བདེ་སྐྲུན་པ།”ཞེས་པའི་ཁེ་ལས་ཚོང་གཉེར་རྩ་དོན་གཞིར་བཟུང་ནས། ཚད་ལྡན་གྱི་སྦྱོར་ཚད་དང་། སྤུས་ལེགས་ཀྱི་རྒྱུ་ཆ། རྩེར་སོན་གྱི་ལག་རྩལ་ལ་བརྟེན་ནས་ཚད་མཐོའི་ཐོན་རྫས་ཐོན་སྐྱེད་བྱས་དང་བྱེད་བཞིན་ཡོད། རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་རྫས་སྤྱོད་རྣམས་ལ་ཕན་ནུས་ལྡན་ལ་གནོད་འཚེ་བྲལ་བའི་སྤུས་ལེགས་ཐོན་རྫས་ལེགས་སྐྱེས་ཀྱི་ཚུལ་དུ་འབུལ་རྒྱུ་ལགས་སོ། །

  

  西藏恫康醫藥科技有限公司成立于2019年(nián)1月份,是由大學(xué)生為(wèi)主的(de)創業團隊組建的(de)一(yī)家公司。

  公司位于全球藏醫藥文化中心聖地(dì)拉薩。由著名藏醫藥專家和(hé)跨國研發機構的(de)指導下,公司從事進行藏地(dì)草(cǎo)本植物洗護用品等高(gāo)端新型産品的(de)研發、生産和(hé)銷售。為(wèi)了保護西藏特有的(de)珍貴野生草(cǎo)本資源,公司緻力于西藏特色草(cǎo)本植物的(de)種植、加工和(hé)銷售。同時開展地(dì)方特色土畜産品的(de)開發、生産和(hé)銷售。公司生産研發的(de)藏地(dì)草(cǎo)本植物洗護用品因簡約而不簡單深受廣大消費者喜愛。目前本公司與多家實力雄厚的(de)生産企業達成戰略合作夥伴,為(wèi)産品生産和(hé)銷售,奠定了堅實的(de)基礎!

  公司秉承“傳承高(gāo)原文化、保護青山綠水、服務廣大民衆”的(de)企業經營宗旨,以正宗的(de)配方、地(dì)道(dào)的(de)用料、精湛的(de)工藝,生産一(yī)流的(de)高(gāo)端産品,給國內(nèi)外廣大消費者提供安全有效的(de)優質産品。我們堅信,隻要以市場為(wèi)導向,以創新為(wèi)動力,以質量求生存,以發展求壯大,公司一(yī)定會赢得更好的(de)明天。